查看原文
其他

【疫情防控】网络同心 战“疫”同行——致全市广大网民朋友的倡议书

今日同仁 2023-01-04



全市广大网民朋友:
当前,疫情防控形势十分复杂严峻,疫情防控一刻也不能放松,必须做好各项防控措施的落实。疫情防控,人人有责!为有效防止涉疫情防控负面信息传播,守“网”相助、共同战“疫”,同仁市委网信办向广大网民朋友发出如下倡议:
自觉做疫情防控的参与者。疫情就是命令,防控就是责任。要自觉遵守疫情防控的政策规定,主动做好个人与同住人员的日常健康监测,对人负责,对己负责,减少不必要出行,避免人员聚集,非必要不出同仁,来同返同人员主动向所在社区报备行程,积极配合排查工作,按要求进行核酸检测。
自觉做网络正能量的传播者。网络无疆界,用网有约束。各类网站、新媒体、自媒体从业者、群主和广大网民要及时、广泛传播官方发布的权威信息和科普知识,传播疫情防控的正能量信息,不传播制造恐慌、恶意攻击等不良信息,对防控措施多包容、多支持,多为疫情防控鼓与呼,网聚正能量,提振精气神。
自觉做网络谣言的抵制者。谣言止于智者。要带头讲事实、明真相、多理解、不抱怨,不转载来源不明的疫情信息,自觉抵制网上虚假信息,及时举报网络不良信息,坚决做到不信谣、不传谣、不造谣。从自身做起、从现在做起,文明上网、理性发声,共同营造良好的网络舆论环境,为疫情防控做出应有贡献。
同仁市委网信办提醒您:网络是虚拟空间,但绝非法外之地。《中华人民共和国刑法》第二百九十一条规定:“编造虚假的险情、疫情、灾情、警情,在信息网络或者其他媒体上传播,或者明知是上述虚假信息,故意在信息网络或者其他媒体上传播,严重扰乱社会秩序的,处三年以下有期徒刑、拘役或者管制;造成严重后果的,处三年以上七年以下有期徒刑。”在网上发布信息、言论应遵守法律法规。让我们携手并肩,共同构筑联防联控、群防群治的网络屏障,共同维护健康、有序的网络环境。


                          中共同仁市委宣传部
                            同仁市委网信办  
                        2022年8月15日


དྲ་རྒྱ་ལེགས་པར་སྤྱོད།     རིམས་ནད་འགོག་རྒོལ་བྱེད།
གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་དྲ་དམངས་གྲོགས་པོ་རྣམས་ལ་ཕུལ་བའི་གྲོས་འདོན་ཡི་གེ 
གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་དྲ་དམངས་གྲོགས་པོ་རྣམ་པ། མིག་སྔར། རིམས་ནད་འགོག་སྡོམ་གྱི་དུས་བབ་རྙོག་འཛིང་ཛ་དྲག་ཆེ་བས། རིམས་ནད་འགོག་སྡོམ་གྱི་བྱ་བར་ལྷོད་གཡེང་གཏན་ནས་གཏོང་མི་རུང་ལ་ངེས་པར་དུ་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ཁག་དོན་འཁྱོལ་ལེགས་པོ་བྱེད་དགོས། རིམས་ནད་འགོག་སྡོམ་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་ལ། རིམས་ནད་འགོག་སྡོམ་གྱི་ལྡོག་ཕྱོགས་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་པར་ནུས་ཡོད་སྒོས་སྔོན་འགོག་དང་། “དྲ་བ”བརྟན་སྲུང་བྱས་ཏེ་མཉམ་དུ“རིམས་ནད” ལ་རྒོལ་ཆེད། ཐུན་རིན་གྲོང་ཨུའི་སྦྲེལ་དྲའི་ཆ་འཕྲིན་གཞུང་ལས་ཁང་གིས་རྒྱ་ཆེའི་དྲ་དམངས་གྲོགས་པོ་ཚོར་གཤམ་གྱི་གྲོས་མགོ་བཏོན་པ་སྟེ། 
རང་འགུལ་ངང་རིམས་ནད་འགོག་སྡོམ་བྱ་བའི་ནང་ཞུགས་མཁན་ཞིག་བྱེད་དགོས། རིམས་ནད་ནི་བཀའ་རྒྱ་དང་། འགོག་སྡོམ་ནི་འགན་འཁྲི་ཡིན། རིམས་ནད་འགོག་སྡོམ་གྱི་སྲིད་ཇུས་དང་གཏན་འབེབས་རང་རྟོགས་ངང་བརྩི་སྲུང་དང་། རང་འགུལ་ངང་མི་སྒེར་དང་མཉམ་དུ་སྡོད་མཁན་གྱི་རྒྱུན་གཏན་བདེ་ཐང་ལྟ་ཞིབ་ཚད་ལེན་ལེགས་པོ་བྱས་ཏེ་རང་གཞན་གཉིས་ཀར་འགན་ལེགས་པོ་འཁུར་དགོས་ལ། དོན་མེད་ཀྱི་འགྲོ་འོང་ཇེ་ཉུང་དུ་གཏོང་བ་དང་འདུ་འཛོམས་ཆེ་སར་མི་འགྲོ་བ། དོན་དག་མེད་ཚེ་ཐུན་རིན་གྱི་ཕྱི་རུ་མི་འགྲོ་བ། ཕྱིར་ཐུན་རིན་དུ་ཡོང་མཁན་རྣམས་ཀྱིས་རང་འགུལ་ངང་སྡེ་ཁུལ་དུ་བསྐྱོད་དེ་སྙན་སེང་ཞུ་དགོས་པ་མ་ཟད། གྲལ་བཤེར་བྱ་བར་ཧུར་ཐག་གིས་གཞོགས་འདེགས་དང་བླང་བྱ་ལྟར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ལེགས་པོ་བྱེད་དགོས། 
རང་འགུལ་ངང་དྲ་རྒྱའི་དྲང་ནུས་ཁྱབ་སྤེལ་བྱེད་མཁན་ཞིག་བྱེད་དགོས། དྲ་བར་ས་གནས་ཀྱི་ཚད་བཀག་མེད། དྲ་བར་གཅུན་སྡོམ་གྱི་ནུས་པ་ཡོད། དྲ་ཚིགས་སྣ་ཚོགས་དང་སྨྱན་སྦྱོར་གསར་པ། རང་སྤེལ་སྨྱན་སྦྱོར་བྱ་བ་གཉེར་མཁན། སྐད་འཕྲིན་གྱི་ཚོགས་གཙོ། རྒྱ་ཆེའི་དྲ་དམངས་བཅས་ཀྱིས་དུས་ཐོག་དང་རྒྱ་ཁྱབ་ངང་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་དབང་གྲགས་ལྡན་པའི་ཆ་འཕྲིན་དང་ཚན་རིག་ཁྱབ་གདལ་ཤེས་བྱ་བརྒྱུད་བསྒྲགས་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་དྲང་ནུས་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་པ། འཇིགས་སྐུལ་དང་བསམ་གཟས་ནས་གནོད་པ་གཏོང་བ་སོགས་ཀྱི་ཆ་འཕྲིན་ངན་པ་བརྒྱུད་བསྒྲགས་མི་བྱེད་པ། འགོག་སྡོམ་གྱི་བྱེད་ཐབས་ལ་རྒྱབ་སྐྱོར། རིམས་ནད་འགོག་སྡོམ་བྱ་བར་དོ་སྣང་དང་གཞོགས་འདེགས་བཅས་བྱས་ནས་དྲ་བའི་དྲང་ནུས་དར་སྤེལ་བྱེད་དགོས། 
རང་འགུལ་ངང་དྲ་རྒྱའི་དཀྲོག་གཏམ་བཀག་འགོག་བྱེད་མཁན་ཞིག་བྱེད་དགོས། གནས་ཚུལ་ངོ་མ་ཤེས་རྟོགས་དང་རྒྱུས་ལོན་མང་ཙམ་བྱེད་པ་ལས། འཁང་ར་དང་ཡོང་ཁུངས་གསལ་པོ་མེད་པའི་རིམས་ནད་ཆ་འཕྲིན་བརྒྱུད་འགོད་མི་བྱེད་པ། དྲ་ཐོག་ཆ་འཕྲིན་རྫུན་མ་རང་རྟོགས་ངང་བཀག་འགོག དྲ་རྒྱའི་ཆ་འཕྲིན་ངན་པ་དུས་ཐོག་ཏུ་ཐེར་འདོན་བཅས་བྱས་ནས། མཐའ་གཅིག་ཏུ་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་ཤོད་པ། དཀྲོག་གཏམ་མི་སྤེལ་བ་བཅས་ བྱེད་དགོས། རང་ངོས་ནས་མགོ་རྩོམ་པ་དང་ད་ལྟ་ནས་མགོ་བཙུགས་ཏེ་ཡ་རབས་ངང་དྲ་བར་ཞུགས་པ་དང་ཚུལ་མཐུན་ངང་སྐད་ཆ་ཤོད་པ། དྲ་རྒྱའི་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཐུན་མོང་ཐོག་བཏོད་དེ་རིམས་ནད་འགོག་སྡོམ་བྱ་བར་བྱས་རྗེས་འཇོག་དགོས།
ཐུན་རིན་གྲོང་ཨུའི་སྦྲེལ་དྲའི་གླེང་ཚུལ་ཆ་འཕྲིན་ལྟེ་གནས་ཀྱིས་ཁྱེད་ལ་གསལ་འདེབས་བྱེད་རྒྱུ་ནི། དྲ་རྒྱ་ནི་རྟོག་བཟོའི་བར་སྟོང་ཤིག་ཡིན་མོད། འོན་ཀྱང་ཁྲིམས་དང་མི་མཐུན་པའི་བར་སྟོང་ཞིག་གཏན་ནས་མིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས》ཀྱི་དོན་ཚན291པའི་ནང་གཏན་འབེབས་བྱས་པ་ནི།“ཉེན་ཆེའི་གནས་ཚུལ་དང་ནད་ཡམས། གནོད་འཚེ། ཉེན་རྟོག་གནས་ཚུལ་བཅས་རྫུན་བཟོ་བྱས་ནས་ཆ་འཕྲིན་དྲ་བའམ་ཡང་ན་སྨྱན་སྦྱོར་གཞན་དག་ཐོག་ཁྱབ་སྤེལ་བྱས་པའམ། ཡང་ན་གོང་གསལ་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ཆ་འཕྲིན་དྲ་བའམ་ཡང་ན་སྨྱན་སྦྱོར་གཞན་དག་ཐོག་བརྒྱུད་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བརླག་ཚབས་ཆེན་བཟོས་པའི་རིགས་ལ། དུས་བཀག་བཙོན་འཇུག་ལོ་གསུམ་མན་དང་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་། མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད”དགོས། 
ང་ཚོས་ལག་གདང་མཉམ་སྦྲེལ་དང་དཔུང་བ་མཉམ་གཤིབ་ཀྱིས་མཉམ་འགོག་མཉམ་འཛིན་མཉམ་བཅོས་ཀྱི་དྲ་རྒྱའི་སྲུང་ཡོལ་ལེགས་པར་བསྐྲུན་ནས། བདེ་ཐང་གོ་རིམ་ལྡན་པའི་དྲ་རྒྱའི་ཁོར་ཡུག་ལ་སྲུང་སྐྱོང་གང་ལེགས་བྱེད་དགོས། །

        ཀྲུང་གུང་ཐུན་རིན་གྲོང་ཨུའི་དྲིལ་བསྒྲགས་པུའུ།
ཐུན་རིན་གྲོང་ཨུའི་སྦྲེལ་དྲའི་ཆ་འཕྲིན་གཞུང་ལས་ཁང་གིས་བསྒྲགས།
                   2022ལོའི་ཟླ8ཚེས15ཉིན།





监制:刘莉丽

审核:马新国

责编:李宏翔

校稿王振宇

来源:  市委网信办



 ·end·
     —如果喜欢,快分享到朋友圈吧—

大家都在看
【同仁动态】凝聚内培外引资源合力 打造近悦远来同仁人才生态
【对口帮扶】天津:优化产业帮扶 助力乡村振兴


您可能也对以下帖子感兴趣

文章有问题?点此查看未经处理的缓存